Small Talk ཅ​ི​་​ག​ྲ​ོ​ལ​་​མ​ི​་​ག​ྲ​ོ​ལ​།

from M​ã​dro མ​་​འ​ག​ྲ​ོ​། by Tendor

/
  • Streaming + Download

    Includes unlimited streaming via the free Bandcamp app, plus high-quality download in MP3, FLAC and more.
    Purchasable with gift card

      $0.99 USD  or more

     

lyrics

ད་རིང་ང་གཉིས་ཐེངས་མ་དང་པོ་ཐུག་གི་ཡོད་མ་རེད།
ཁ་སང་ཁེ་ཉིན་འཛོམས་འཛོམས་གཅིག་ལ་ངོ་སྤྲོད་བྱུང་ཚར་སོང་བ།
ཁྱེད་རང་མིང་ང་ལ་ལབ་རྒྱུ་ལབ་སོང་ཡིན་ནའི་དྲན་མ་སོང་།
ཡང་ན་བསྟན་འཛིན་ཡང་ན་ཚེ་རིང་ཡང་ན་བསྟན་འཛིན་རེད་པ།
ཁྱེད་རང་མཉམ་དུ་ཕོ་གསར་ཡིན་མདོག་ཁ་པོ་ཅིག་འདུག་པ།
ཁྱེད་གཉིས་རོག་པ་རྙིང་པ་ཡིན་པས་ཨ་ལས་སྤུན་རྒྱ་རེད་པས།
ཁྱེད་རང་སྐོར་ལ་རོབ་ཙམ་ཞིག་ང་ལ་ལབ་མཁན་བྱུང་ཚར་སོང་།
ཡིན་ནའང་ཡང་སྐྱར་དྲི་བ་ཁ་ཤས་དྲི་ན་ཨོ་ཙམ་ཡིན་འགྲོ།

ཁྱེད་རང་པ་ལགས་མཚན་ལ་ག་རེ་རེད།
ཁྱེད་རང་ཨ་མ་ལགས་འཁྲུངས་ཡུལ་ག་ནས་རེད།
དང་པོ་བཙན་བྱོལ་ཡོང་བའི་སྐབས་ལ།
ཆིག་སྟོང་དགུ་བརྒྱ་དགུ་བཅུ་ག་ཚོད་རེད།
དེང་སང་སློབ་གྲ་ག་པར་འགྲོ་གི་ཡོད།
སློབ་ཚན་ག་རེ་ག་རེ་སྦྱོང་གི་ཡོད།

ཁྱོད་རང་ནང་བཞིན་སྐད་ཆ་ཉུང་ཉུང་སུ་ཡང་མཐོང་མ་མྱོང་།
དྲི་བ་དྲུག་བདུན་བཏང་བའི་རྗེས་ལ་གཞི་ནས་ལན་གཅིག་འདུག
དགོན་པའི་ནང་གི་སྐུ་འདྲ་ཡན་ཆད་ཕར་ལ་གཅིག་དྲིས་ན།
ཚུར་ལ་དགད་མོ་ཚེག་ཚེག་གཅིག་ཏ་བྱེད་ཡག་ཡིན་པ་རེད།

དེ་རིང་ང་གཉིས་ཐེངས་མ་དང་པོ་ཐུག་གི་ཡོད་མ་རེད།
གཟབ་གཟབ་སི་སི་ཞེད་པོ་གཅིག་བྱེད་དགོས་ཡ་རྒྱུ་མཚན་ཡོད་མ་རེད།
ཁྱེད་རང་སྐོར་ལ་རོབ་ཙམ་ཞིག་ང་ལ་ལབ་མཁན་བྱུང་ཚར་སོང་།
ཡིན་ནའང་ཡང་སྐྱར་དྲི་བ་ཁ་ཤས་དྲི་ན་ཨོ་ཙམ་ཡིན་འགྲོ།

ཁྱེད་རང་གད་མོ་དགོད་སྟངས་བལྟས་ན།
སྐྱེ་བ་མང་པོ་ལེན་ཚར་ཡིན་ས་རེད།
ཡིན་ནའང་མཆོད་ཆང་འཛིན་སྟངས་བལྟས་ན།
མི་ཚེའི་བྲོ་བ་མྱོང་རྒྱུ་ཡིན་ས་རེད།
དཀའ་ལས་མེད་པའི་མི་ཚེ་བསྐྱལ་དགོས་ན།
སྡུག་བསྔལ་འདི་ལས་ཆེ་བ་ཡོད་རེད་པས།

This isn’t our first meeting, to be sure,
We were introduced sometime before.
You told me your name but I forget,
Was it Tenzin, or Tsering... it’s Tenzin, I bet.
The handsome guy who walked you in,
A friend of yours? Oh, he’s your cousin!
Well, I’ve heard a few things about you
But let me see if they’re true.

By what name is your father known?
In what town was your mother born?
And when exactly was it in the nineties
That you first came into exile?
What classes are you taking these days?
Where do you go to school anyways?

You know, I’ve never met anyone so shy,
Six questions and just one reply!
Even the statues in the temple try
To answer my question with a little smile.

We aren’t meeting for the first time tonight
So we don’t have to be all nice and polite.
I’ve heard a few things about you
And I can’t tell if they’re true.

From the lines in your smile, I can divine
That you’ve lived more than a few lives.
But it seems from the way you hold your wine,
That you haven’t acquired a taste for life.
To live a life without combat,
Is there anything more tragic than that?

credits

from M​ã​dro མ​་​འ​ག​ྲ​ོ​།, released February 20, 2019
Vocals: Tendor
Guitar: Tendor
Harmonica: Tenzin Choegyal
Bass and Keyboard: Marcello Milani

license

all rights reserved

tags

about

Tendor New York, New York

Tendor is a Tibetan musician, lyricist and activist. His first album ལོག་སྤྱོད་པ། (Logchopa) was released in 2007.

contact / help

Contact Tendor

Streaming and
Download help

Redeem code

Report this track or account

If you like Tendor, you may also like: