Once Upon a Time ས​ྔ​ོ​ན​་​མ​་​ས​ྔ​ོ​ན​་​མ​།

from M​ã​dro མ​་​འ​ག​ྲ​ོ​། by Tendor

/
  • Streaming + Download

    Includes unlimited streaming via the free Bandcamp app, plus high-quality download in MP3, FLAC and more.
    Purchasable with gift card

      $0.99 USD  or more

     

lyrics

ང་གཉིས་ལས་ལ་བཀོད་མི་འདུག ནམ་མཁའི་སྐར་གྲལ་བསྒྲིགས་མི་འདུག
བསམ་བློ་གང་ནས་བཏང་ན་ཡང་། སུ་གང་གི་ནོར་འཁྲུལ་རེད་མི་འདུག

སྔོན་མ་སྔོན་མ་དུས་ཚོད་གཅིག ང་ཚོ་གཉིས་ཀ་ཆུང་ཆུང་སྐབས།
འཛིན་གྲྭ་ནང་གི་བུ་ཚང་མ། ཁྱོད་ལ་སེམས་པ་ཤོར་བའི་སྐབས།
ང་ནི་ཁྱོད་ལ་སྐད་ཆ་བཤད་ཡག་ཕར་ཞོགས། མིག་ཙམ་ཡང་བལྟ་མ་ནུས།

ང་ནམ་མཁའ་སྟེང་གི་བྱ་ཞིག་ཡིན། ཁྱེད་རྒྱ་མཚོའི་གཏིང་གི་ཉ་ཞིག་རེད།
གནམ་སྔོན་པོ་ཁྱེད་ལ་ཡང་དྲགས་ན། ཆུ་ལྗང་ཁུ་ང་ལ་ལྗིད་དྲགས་སོང་།

སྔོན་མ་སྔོན་མ་དུས་ཚོད་གཅིག། ང་ཚོ་གཉིས་ཀ་གཞོན་གཞོན་སྐབས།
ཁྱེད་ཀྱི་གཏམ་ལས་སྙན་པ་མེད། ཁྱེད་ཀྱི་ལུས་ལས་འཇམ་པ་མེད།
ང་གཉིས་ག་པར་འགྲོ་ནའང་མཉམ་དུ་ཕྱིན། སྐར་མ་གཅིག་ཀྱང་བྲལ་མ་ནུས།

ནམ་དུས་འགྱུར་བ་ཐེབས་འགྲོ་གི ལོ་མ་ས་ལ་ཟག་ཡོང་གི
དགུན་ཁའི་རླུང་འཚུབ་ལང་ཡོང་དུས། ཡིབ་ས་གཅིག་ཀྱང་ལྷག་མི་འདུག

སྔོན་མ་སྔོན་མ་དུས་ཚོད་གཅིག། ང་ཚོ་གཉིས་ཀ་གཞོན་གཞོན་སྐབས།
ཁྱེད་ཀྱི་ལོ་མ་ལྗང་བའི་སྐབས། སེམས་པ་གསེར་ལས་བཟང་བའི་སྐབས།
འཛམ་གླིང་ཉི་མར་བསྐོར་བ་ནང་བཞིན། ང་ཡང་སྐོར་བ་ཁྱོད་ལ་བསྐོར།

ཁྱོད་ནི་ནུབ་ནས་ཤར་ལ་ཡོང་། ང་ནི་ཤར་ནས་ནུབ་ལ་འགྲོ།
བསམ་བློ་གང་ནས་བཏང་ན་ཡང་། ང་གཉིས་ལས་ལ་བཀོད་མི་འདུག

We are not meant to be,
The stars didn’t align for us.
It’s neither you nor me,
No one is to blame.

Once upon a time,
When I was young and you were too,
And all the boys fell for you,
I could hardly look at your face,
Let alone talk to you.

I'm a bird in the sky,
You’re a fish in the sea.
If the blue air is too light for you,
The green water is too heavy for me.

Once upon a time,
When I was young and you were free,
Nothing was sweeter than your words,
Nothing softer than your skin,
And nothing could come between you and me.

But now the seasons turn
And leaves bury the street,
The winter storm rises and
There’s nowhere to retreat.

Once upon a time,
When you and I were not yet old,
When your leaves were green
And your heart was made of gold,
You were the sun and I circled you like the world.

You travel from west to east,
And I from east to west.
I guess it isn’t hard to see
That we are not meant to be.

credits

from M​ã​dro མ​་​འ​ག​ྲ​ོ​།, released February 20, 2019
Vocals: Tendor
Guitar: Tendor
Piano: Jesse Paris Smith

license

all rights reserved

tags

about

Tendor New York, New York

Tendor is a Tibetan musician, lyricist and activist. His first album ལོག་སྤྱོད་པ། (Logchopa) was released in 2007.

contact / help

Contact Tendor

Streaming and
Download help

Redeem code

Report this track or account

If you like Tendor, you may also like: